心灵的情感
格桑加措
999
00:0000:00
གཡང་དཀར་སྤང་ལ་བཀྲམ་པའི་འབྲོག་སྡེ་ནས།།
སྣང་བ་དྲོད་ཀྱིས་ཁེངས་བའི་ན་ཆུང་མ།།
རྫི་གླུ་སང་སང་ལེན་བཞིན་ཡོང་བ་དེ་།
མེ་ཏོག་སྣ་བརྒྱའི་ནང་གི་འདང་ཅན་ཡིན།།
སོར་མོའི་པི་ཝང་དཀྲོལ་སའི་བྲོ་ར་ནས།།
སྡེ་ཆེན་ཁྲོམ་པའི་དཀྱིལ་ནས་འཛུག་ཡག་མ།།
ལྡེམ་འགྱུར་གར་ལ་རོལ་བཞིན་ཡོང་བ་དེ་།
འགྱུར་མེད་སྙིང་གི་དམ་ཚིག་འབྲི་ས་ཡིན།།
བདེ་སྡུག་ལས་ཀྱི་འདྲེས་མའི་འཁོར་བ་ནས།།
ལས་ཀྱི་མེ་ཏོག་འཐུ་བའི་འཐུ་རོགས་མ།།
དགའ་སྐྱོ་དབྱངས་ལ་བཀུག་བཞིན་ཡོང་བ་དེ།།
ཁ་ཡ་ན་ཟླའི་ནང་གི་བརྩེ་རོགས་ཡིན།།
འདང་བརྩེ་སེམས་ཀྱི་མེ་ཏོག་བཞད་ས་ནས།།
དམ་ཚིག་རི་མོ་མཐུན་པའི་ན་ཟླ་མ།།
ལས་འཕྲོ་ལས་ཀྱི་མེ་ཏོག་ཆ་འགྲིག་དེ་།
སྐྱིད་སྡུག་འཚོ་བའི་ནང་གི་གཏམ་རྒྱུད་ཡིན།།
འདང་བརྩེ་སེམས་ཀྱི་མེ་ཏོག་བཞད་ས་ནས།།
དམ་ཚིག་རི་མོ་མཐུན་པའི་ན་ཟླ་མ།།
ལས་འཕྲོ་ལས་ཀྱི་མེ་ཏོག་ཆ་འགྲིག་དེ་།
ལས་འཕྲོ་ལས་ཀྱི་མེ་ཏོག་ཆ་འགྲིག་དེ་།
ལས་འཕྲོ་ལས་ཀྱི་མེ་ཏོག་ཆ་འགྲིག་དེ་།